༈ ཆེད་བསྡུས་ཚོགས་འདུ། འགྲོ་བ་མིའི་ཀུན་ཁྱབ་རིན་ཐང་དང་ཤེས་ཡོན།

ཚོགས་ཡུལ། KongresshausLiebestrasse, Winterthur (ཝིན་ཏར་ཐུར་ས་གནས་ཀྱི་ལི་བེར་ལམ་གྱི་ཀོང་རེསི་ཧའུ་སི།)

རེས་གཟའ་ཟླ་བའི་ཉིན། ༢༠༡༨།༠༩།༢༤།

སྔ་དྲོ་ཆུ་ཚོད་ ༠༩:༡༥ ནས་ ༡༡:༤༥ བར།
༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ཤེས་ཡོན་གྱི་མཛད་འཆར།

གོ་སྒྲིག་པ། ཛུ་རིག་ཆེས་མཐོའི་སློབ་གྲྭ་ཆེན་མོ་དང་། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ། རི་ཀོན་ཆོས་འཁོར་དགོན།

ཆེད་བསྡུས་ཚོགས་འདུ།

མིའི་སྤྱི་ཚོགས་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་དེ་ནི་ཛུ་རིག་ཆེས་མཐོའི་སློབ་གྲྭ་ཆེན་མོའི་ཚན་རིག་ལག་ལེན་ཚན་པའི་གནད་འགག་ཆེ་བའི་སེམས་འཁུར་ཞིག་ཡིན། ཆེས་མཐོའི་སློབ་གྲྭ་འདིས་རང་གི་སློབ་མ་རྣམས་ཆེད་ལས་པའི་ངོ་བོར་སྐྱེད་སྲིང་བྱེད་པ་ཙམ་དུ་མ་ཟད། སློབ་མ་རྣམས་ཀྱི་དོ་བདག་གི་འཇོན་རྩལ་དང་། ཚོགས་སྤྱོད་ཀྱི་ནུས་པ།གོ་བརྡ་སྤྲོད་ལན་དང་མཉམ་སྦྲེལ་གྱི་འཇོན་ཐང་བཅས་ཀྱང་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱེད་བཞིན་ཡོད། ཚུལ་དེ་དང་མཚུངས་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་ཚན་རིག་དང་ལྷན་དུ་གྲོས་མོལ་ལ་བཞུགས་པ་དང་། མིའི་གཞི་རྩའི་རིན་ཐང་རྣམས་གཞན་ལ་གསལ་སྟོན་གནང་བར་ཐུགས་འཁུར་ཧ་ཅང་ཆེན་པོ་བཞེས་ཀྱི་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ཁོང་གིས་༼འགྲོ་བ་མིའི་ཀུན་ཁྱབ་རིན་ཐང་དང་ཤེས་ཡོན་༽ཞེས་པའི་བགྲོ་གླེང་ཚོགས་འདུ་འདིར་སློབ་གཉེར་ཁང་གི་སློབ་མ་དང་ལས་བྱེད་རྣམས་དང་ལྷན་དུ་ཞིབ་མོལ་གནང་རྒྱུ་ཡིན། ཚོགས་བཅར་བ་རྣམས་ཀྱིས་མཉམ་རུབ་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་གནས་བབས་རྒྱུན་འཁྱོངས་ཇི་ལྟར་བྱ་དགོས་པའི་སྐོར་དང་། འགྲོ་བ་མིའི་ཤེས་རྩལ་དང་ནང་སེམས་ཀྱི་བདེ་ཐབས་བསྒྲུབ་པར་ཚན་རིག་གིས་རམ་འདེགས་ཇི་ལྟར་ཞུ་ཐུབ་པ་བཅས་ཀྱི་སྐོར་ལ་ཞིབ་འཚོལ་གནང་ངེས།

བཞུགས་ས་ཚད་ཅན་ཞིག་ལས་མེད་སྟབས་ཆེད་བསྡུས་ཚོགས་འདུ་འདིར་མཐོ་སློབ་ཀྱི་སློབ་མ་དང་ལས་བྱེད་མ་གཏོགས་ཕེབས་མི་ཆོག

མཐོ་སློབ་ཀྱི་དྲྭ་ཚིགས།