༈ ༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་ལ་གསུང་ཆོས་བསྩལ་གནང་མཛད་རྒྱུ།

ས་གནས། ཛུ་རིག ཧ་ལེན་སཊ་ཌིཨོན།

རེས་གཟའ་ཉི་མ། ༢༠༡༨།༠༩།༢༣།

༧:༠༠ (ཞོགས་པ) ཚོགས་ཁང་སྒོ་ཕྱེ་ནས་སྲུང་སྐྱོབ་ཆེད་ལུས་བཤེར་གཏོང་རྒྱུ།
༨:༤༥ རང་གྲལ་དུ་བཞུགས་ཟིན་པ་གནང་རྒྱུ།
༩:༠༠ ནས་ ༡༢ བར། ༧གོང་ས་མཆོག་གི་ཞལ་སྔ་ནས་གསུང་ཆོས་རྣམས་བཀྲིན་བསྩལ་གནང་རྒྱུ།
༡༣:༠༠ གོང་མི་མང་ཚོགས་ཁང་ནས་ཐོན་ཟིན་པ་གནང་དགོས། (ཉིན་རྒྱབ་གསུང་ཆོས་དང་མཛད་རིམ་མེད།)
༼གསུང་ཆོས་གོ་སྒྲིག་ཞུ་མཁན། སུད་སི་དང་ལེག་ཏེན་སིཊཡན་བོད་མིའི་སྒྲིག་འཛུགས་དང་། རི་ཀོན་ཆོས་འཁོར་དགོན།༽

བཀྲིན་བསྩལ་རྒྱུའི་གསུང་བཀའ་རྣམས།

  • མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ།
  • སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ།
  • རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ།

གསུང་ཆོས་ཕྱག་ཁྱེར།

གསུང་ཆོས་ཕྱག་ཁྱེར་དྲ་སྣེ། info@ticketcorner.ch འདིར་སྣོན་ཏེ་མངགས་ཉོ་ཆོག

ཕྱག་ཁྱེར་གྱི་གནས་རིམ་དང་བླུ་ཡོན།

གནས་རིམ་དང་པོ་ལ་སུད་སྒོར་ ༨༨།
གཉིས་པ་ལ་སུད་སྒོར་ ༧༥།
གསུམ་པ་ལ་སུད་སྒོར་ ༦༥།
བཞི་པ་ལ་སུད་སྒོར་ ༤༥།
ལྔ་པ་ལ་སུད་སྒོར་ ༣༨།

བྱིས་པ།

བྱིས་པ་ཕྲུ་གུ་ལོ་གཉིས་ཡན་གྱི་ཆེད། ཕྱག་ཁྱེར་ངེས་པར་མངགས་ཉོ་གནང་དགོས།

འཁོོར་ལོ་ཅན་གྱི་ཞབས་སྟེགས།

(འཁོར་སྟེགས་) ཐོག་ཕེབས་དགོས་པ་རྣམས་ཀྱིས་ཕྱག་ཁྱེར་དྲ་སྣེ། info@ticketcorner.ch འདིའམ། ཡང་ན་ཞལ་པར་ཨང། 0900 800 800. (སྐར་མ་རེར་སུད་དངུལ་ ༡་༡༩ རེ་འབུལ་དགོས་) འདི་ཐོག་ནས་མངགས་ཉོ་གནང་ཆོག

བོད་མི་དགུང་ལོ་ ༨༠ ཡན།

བོད་མི་དགུང་ལོ་ ༨༠ ཡན་ལ་རིན་མེད་འཛུལ་བཞུགས་ཆོག་པའི་ཕྱག་འཁྱེར་གྲངས་ངེས་ཅན་ཞིག་འབུལ་གྱི་ཡོད། དེ་འབྲེལ་འགེངས་ཤོག་དང་གནས་ཚུལ་རྒྱས་པ་རང་ཁོངས་ས་གནས་འཐུས་མིར་འབྲེལ་བ་གནང་ན་མཁྱེན་ཐུབ། དེ་ཡང་འགེངས་ཤོག་ནང་གསལ་བ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ བར་འགེངས་ཤོག་གནང་རྒྱུའི་དུས་བཀག་ཞུས་ཡོད་པས་དེ་དོན་དགོངས་འཇགས་ཡོང་བར་ཞུ།

བོད་རིགས་ཡིག་ཆ་མེད་པ།

བོད་རིགས་ཡིག་ཆ་མེད་པ་རྣམས་ཀྱི་ཆེད་དུ་རིན་མེད་ཕྱག་འཁྱེར་གྲངས་ངེས་ཅན་ཞིག་འབུལ་གྱི་ཡོད། དེ་འབྲེལ་འགེངས་ཤོག་དང་གནས་ཚུལ་རྒྱས་པ་རང་ཁོངས་ས་གནས་འཐུས་མིར་འབྲེལ་བ་གནང་ན་མཁྱེན་ཐུབ། དེ་ཡང་འགེངས་ཤོག་ནང་གསལ་བ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ བར་འགེངས་ཤོག་གནང་རྒྱུའི་དུས་བཀག་ཞུས་ཡོད་པས་དེ་དོན་དགོངས་འཇགས་ཡོང་བར་ཞུ།

དགེ་བཙུན་རྣམ་པ།

བཀའ་ཆོས་ཞུ་ཆེད་སུད་སི་སྐུ་ཚབ་དོན་ཁང་གི་གཤམ་གསལ་འབྲེལ་བྱང་བརྒྱུད་ནས། ཆ་རྐྱེན་ཚང་བའི་སྒོ་ནས་སྔོན་ཚུན་མཚན་འགོད་ངེས་པར་གནང་རོགས།

The Tibet Bureau
Place de la Navigation 10
CH-1201 Geneva
Tel.: +41 22 738 79 40
E-Mail: info@tibetoffice.ch

ཁེ་མེད་སྤྱི་སྨན་མཛད་རིམ་དང་ཞབས་ཞུ།

ཕྱག་ཁྱེར་གྱི་ཡོང་འབབ་ནས་བཀའ་ཆོས་གོ་སྒྲིག་དང་འབྲེལ་བའི་རྒྱུ་གྲོན་ཆད་མེད་འཕུད་པའི་འཕྲོས་ཇི་ཡོད་ཁེ་མེད་སྤྱི་སྨན་ལས་གཞི། རོགས་ཚོགས་ཁག་བཅས་ལ་བགོ་འགྲེམས་ཞུ་ངེས་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུང་བཤད། གསུང་ཆོས་བཅས་ལ་སྐུ་ཡོན་ཕྱག་དངུལ་གཏན་ནས་བཞེས་ཀྱི་མེད།

བཀའ་ཆོས་སྐད་རིགས་གང་གི་ཐོག་གསུང་སྒྱུར།

  • དབྱིན་ཇིའི་སྐད་དང་།
  • རྗར་མཱན་སྐད་གཉིས་ནང་སྒྲ་སྒྱུར་ཞུ་ཡི་ཡོད།

སྒྲ་ཉན་ཅོག་སྟེགས་སུ་ཆོས་ཞུ་བ་ཡོངས་ལ་གསུང་ཆོས་གསན་ཆེད་སྒྲ་ཉན་འཕྲུལ་ཆས་གོ་སྒྲིག་ཞུས་ཡོད་པ་དེ་རང་ལ་བདག་པ་ཡིན། ཚོགས་ཁང་དུ་མི་འཇོག་པར་མཉམ་པོར་བསྣམས་རོགས། (དངུལ་ཟུར་དུ་མི་དགོས་པར་གསུང་ཆོས་ཕྱག་ཁྱེར་རིན་པ་དེ་གས་འཐུས་པ་ཡིན།)

གསུང་ཆོས་གནང་ཡུལ་ཚོགས་ཁང་དུ་ཕེབས་ཕྱོགས།

གསུང་ཆོས་གནང་ཡུལ་ས་གནས།

ཞལ་བྱང་། Hallenstadion, Wallisellenstrasse 45, 8050 Zürich-Oerlikon

ཕེབས་ཕྱོགས།

ཁོར་ཡུག་ལ་ཕན་པའི་འགྲིམ་འགྲུལ་བེད་སྤྱོད་གནང་རོགས་ཞུ། འགྲིམ་འགྲུལ་དྲ་སྣེ།

བདེ་སྲུང་ལམ་སྟོན།

བཀའ་ཆོས་མཛད་རིམ་ལམ་ལྷོངས་ཆེད་ཚང་མས་གཤམ་གསལ་བདེ་སྲུང་ལམ་སྟོན་ལ་དོ་སྣང་ཆེན་པོ་གནང་རོགས།

  • བདེ་སྲུང་ལ་དུས་ཚོད་ལྡང་ངེས་ཆེད་མཛད་རིམ་མ་ཚོགས་གོང་སྐར་མ་དགུ་བཅུ་ཙམ་སྔོན་ལ་འབྱོར་དགོས།
  • ཆུ་ཚོད་ ༧:༠༠ (ཞོགས་པ་) ཛུ་རིག ཧ་ལེན་སཊ་ཌིཨོན། ཚོགས་ཁང་སྒོ་འབྱེད་རྒྱུ།
  • གསུང་ཆོས་དབུ་འཛུགས་མ་གནང་བའི་སྐར་མ་བཅོ་ལྔའི་སྔོན་ཞབས་སྟེགས་ཐོག་བཞུགས་ཚར་བ་གནང་དགོས།
  • ཁུར་ཕད་ཆེན་པོ་ཚོགས་ཁང་ནང་འཁྱེར་མི་ཆོག (ཆེ་ཤོས་དེ་ DIN A4 size ཡིན།)
  • ཁུར་ཕད་ཚོགས་ཁང་གི་ཕྱི་ལ་ (Abgabestelle) ལ་བཅོལ་འཇོག་བྱེད་ས་ཡོད་ཀྱང་ཉར་གླ་སྤྲོད་དགོས།
  • དུད་འགྲོ་སེམས་ཅན་གསུང་རྭ་ཚོགས་ཁང་ནང་འཁྲིད་མི་ཆོག
  • གཤམ་གསལ་བཅའ་དངོས་རྣམས་ཧ་ལེན་སཊ་ཌིཨོན། ཚོགས་ཁང་ནང་འཁྱེར་མི་ཆོག
    • ཟས་རིགས།
    • ཤེལ་དམ་རིགས།
    • དྲི་ཞིམ་ཟིལ་ཆུའི་རིགས།
    • མེ་འབར་ངེས་ཀྱི་རྫས་སྦྱོར་དང་གཤེར་ཁུའི་རིགས།
    • འབར་རྫས་དྲི་ངན་ཅན་།
    • དར་ཆ་དང་ཕྲེད་དར་གསལ་བསྒྲགས་ཡིག་ཆ་སོགས།
    • མཚོན་ཆ་འདྲ་མིན་དང་རྣོ་ངར་གྱི་ཡོ་ཆས།
    • ཆེད་ལས་པའི་པར་ཆས་ལ་ལྟ་རྟོག་པའི་ཆོག་མཆན་དགོས།
    • འཐུང་ཆུའི་རིགས་ལི་ཊར་ཕྱེད་ཀ་ཅན་སྒྱིག་སྣོད་དུ་ཡོད་པ་ལས་སྣོད་གཞན་དུ་ཡོད་པ་འཁྱེར་མི་ཆོག