
༈ ༧གོང་ས་མཆོག་དབུ་བཞུགས་ཀྱིས་རི་ཀོན་དགོན་པ་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་གྱི་དགའ་སྟོན་མཛད་སྒོ།
ས་གནས། ཨོཡེ་ལག་ཧ་ལེ། ཝིན་ཏར་ཐུར།
རེས་གཟའ་སྤེན་པ། ༢༠༡༨།༠༩།༢༢།
ཚོུད། ༧:༡༥ (ཞོགས་པ) ཚོགས་ཁང་སྒོ་ཕྱེ་ནས་སྲུང་སྐྱོབ་ཆེད་ལུས་བཤེར་གཏོང་རྒྱུ།
ཚོུད། ༩:༡༥ རང་གྲལ་དུ་བཞུགས་ཟིན་པ་གནང་རྒྱུ།
ཚོུད། ༩:༣༠ ནས་ ༡༡:༣༠ བར། ༧གོང་ས་མཆོག་དབུ་བཞུགས་ཀྱིས་དུས་སྟོན་མཛད་སྒོ།
ཚོུད། ༡༢ ནས ༡༤ བར། དགུང་ཚིགས་གསོལ་སྟོན་དང་མཇུག་གི་མཛད་རིམ།
ཚོུད། ༡༥ ཐོག་ མཛད་རིམ་ལེགས་གྲུབ།
སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་རྒྱབ་སྐྱོར་ཐོག་རི་ཀོན་དགོན་པས་གོ་སྒྲིག་ཞུས།
མཛད་རིམ་ཁག།
༧གོང་ས་མཆོག་དབུ་བཞུགས་ཀྱིས་རི་ཀོན་དགོན་པ་ལོ་ལྔ་བཅུ་འཁོར་བའི་དགའ་སྟོན་གྱི་མཛད་རིམ།
- ཆོས་ཕྱོགས་ཀྱི་མཛད་རིམ། གུས་བསུའི་གསུང་བཤད། རོལ་དབྱངས། གློག་བརྙན། ཕྱག་དེབ་དབུ་འབྱེད། ཐོལ་འབྱུང་།
- སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ།
ཉིན་དགུང་ཞལ་ལག་དང་མཇུག་གི་མཛད་རིམ། (འཛིན་བྱང་ཕྱག་ཁྱེར་དེ་གས་འཐུས་པ་ཡིན།)
- ཉིན་དགུང་ཞལ་ལག༽ གོ་སྒྲིག་གནང་མཁན། སུད་སི་བོད་ཀྱི་བུད་མེད་ཚོགས་པ།
- ཆབ་དང་བཏུང་བའི་རིགས༽ གོ་སྒྲིག་ཞུ་མཁན། ཡོ་རོབ་གཞོན་ནུའི་མཐུན་ཚོགས།
- གསུང་གཞས་རོལ་དབྱངས་དང་གཞན་མང་པོ་ཡོད།
ཕྱག་ཁྱེར།
ཕྱག་ཁྱེར་མངགས་ཉོའི་དྲྭ་རྒྱ་ www.ticketcorner.ch འདིར་ ༢༠༡༨།༠༣།༢༩ ནས་གནོན།

ཕྱག་ཁྱེར་གྱི་རིམ་པ་དང་རིན་པ།
རིམ་པ་དང་པོ། སུད་སྒོར་ ༤༥ (ཉིན་གུང་ཞལ་ལག་ཐེ་ཡོད།)
རིམ་པ་གཉིས་པ། སུད་སྒོར་ ༣༥ (ཉིན་གུང་ཞལ་ལག་ཐེ་ཡོད།)
ཕྲུ་གུ།
བྱིས་པ་ལོ་ ༢ སོན་པ་ནས་ཕྱག་ཁྱེར་དགོས་པ་ཡིན།
འཁོར་ལོའི་རྐུབ་སྟེགས།
སྐྱེ་བོ་འཁོར་ལོའི་རྐུབ་སྟེགས་ཅན་གྱིས་ཕྱག་ཁྱེར་འདི་ info@ticketcorner.ch ཡང་ན། 0900 800 800 (CHF 1.19/min.) བརྒྱུད་ཉོ་དགོས།
(ཁ་པར་ལ་སྐར་མ་རེར་སུད་སྒོར་ ༡ དང་པད་ ༡༩)
སྦྱིན་བདག་གི་ཕྱག་ཁྱེར། (རྫོགས་ཚར།)
མཛད་སྒོ་འདིར་སུད་སྒོར་ལྔ་བརྒྱའམ་དེ་ལས་མང་བ་གནང་ནས་དམིགས་བསལ་སྦྱིན་བདག་གི་ཕྱག་འཁྱེར་མངགས་ཉོ་གནང་རྒྱུའི་གོ་སྐབས་ཡོད།
སྦྱིན་བདག་གི་ཕྱག་ཁྱེར་ཡོད་མཁན་ཚོར་ཚོགས་ཁང་ནང་འཛུལ་སྒོ་ཟུར་དུ་ཡོད་ཅིང་རྐུབ་སྟེགས་རྟགས་ཅན་དང་ཉིན་གུང་ཞལ་ལག་ལ་ཞབས་ཞུ་ཡོད།
ཁེ་མེད་ལས་རིམ།
ཕྱག་ཁྱེར་བཙོང་འབབ་ནས་ལས་རིམ་གྱི་འགྲོ་སོང་ཡོངས་རྫོགས་ཁེབས་རྗེས་ལྷག་འཕྲོས་ཇི་ཡོད་རོགས་རམ་ཚོགས་པ་ཚོར་བགོ་འགྲེམས་བྱ་རྒྱུ།
༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་དང་གསུང་ཆོས་ཁག་ལ་ཕྱག་དངུལ་ནམ་ཡང་བཞེས་ཀྱི་མེད།
གསུང་སྒྱུར།
མཛད་རིམ་ཁག་བོད་སྐད་དང་རྗར་མན་སྐད་ནང་ཡིན་ཡང་ཐད་སྒྱུར་གཤམ་གསལ་ལྟར།
- བོད་སྐད་ནས་རྗར་སྐད།
- རྗར་སྐད་ནས་ཨིང་ཇི།
གོང་འཁོད་སྐད་སྒྱུར་ཉན་ཆས་སོ་སོའི་རྐུབ་སྟེགས་སྒང་ལ་ཡོད་ཅིང་མཛད་རིམ་གྲུབ་མཚམས་ཕྱིར་སློག་བྱ་དགོས།
ཕྱོགས་དང་ཕར་ཚུར་རླངས་འཁོར།
མཛད་སྒོ་ཚུགས་ཡུལ།
Eulachhallen, Wartstrasse 73, 8400 Winterthur
འགྲོ་ཕྱོགས།
ཁོར་ཡུག་ལ་ཕན་པའི་འགྲིམ་འགྲུལ་བེད་སྤྱོད་གནང་རོགས་ཞུ། ཨོཡེ་ལག་ཧ་ལེར་མོ་ཊ་བཞག་ས་མེད།
འགྲོ་ཕྱོགས་དྲྭ་རྒྱའི་མཐུད།
ཨོཡེ་ལག་ཧ་ལེའི་ས་ཁྲ།
ཕར་ཚུར་རླངས་འཁོར།
ཝིན་ཏར་ཐུར་མེ་འཁོར་བབས་ཚུགས་ནས་ཨོཡེ་ལག་ཧ་ལེ་བར་ཕར་ཚུར་རླངས་འཁོར་ཡོད།
- ཝིན་ཏར་ཐུར་མེ་འཁོར་བབས་ཚུགས་ “Kante G” ནས་འཐོན་རྒྱུ།
- ཚོུད་ ༧:༠༠ ནས་ ༨:༣༠ བར་དང་ ༡༢:༠༠ ནས་ ༡༥:༠༠ བར་རླངས་འཁོར་གཏོང་གི་ཡོད།
- ལམ་གྲོན་དེ་ལས་རིམ་ཕྱག་ཁྱེར་ནང་འཐུས་ཡོད།
བདེ་སྲུང་ལམ་སྟོན།
མཛད་རིམ་རྣམས་ལམ་ལྷོངས་ཡོང་བར་ཚང་མས་གཤམ་གསལ་བདེ་སྲུང་ལམ་སྟོན་ལ་དོ་སྣང་ཆེན་པོ་གནང་རོགས།
- བདེ་སྲུང་ལ་དུས་ཚོད་ལྡང་ངེས་ཆེད་མཛད་རིམ་མ་ཚོགས་གོང་སྐར་མ་དགུ་བཅུ་ཙམ་སྔོན་ལ་འབྱོར་དགོས།
- ཆུ་ཚོད་ ༧:༡༥ ལ་ཨོཡེ་ལག་ཧ་ལེ་སྒོ་འབྱེད་རྒྱུ།
- “Halle 2” ཧ་ལེ་ ༢ པའི་ནང་མཛད་རིམ་མ་ཚོགས་གོང་སྐར་མ་བཅོ་ལྔའི་སྔོན་ལ་བཞུགས་ཚར་བ་གནང་དགོས།
- ཁུར་ཕད་ཆེན་པོ་ཨོཡེ་ལག་ཧེ་ནང་འཁྱེར་མི་ཆོག (ཆེ་ཤོས་དེ་DIN A4 size ཡིན།)
- ཁུར་ཕད་རྣམས་རིན་མེད་ལ་བཅོལ་འཇོག་བྱེད་ས་ཡོད།
- སེམས་ཅན་མཛད་རིམ་སར་འཁྲིད་མི་ཆོག
- གཤམ་གསལ་རྣམས་ཨོཡེ་ལག་ཧེ་ནང་འཁྱེར་མི་ཆོག
- ཇས་རིགས།
- ཤེལ་དམ་རིགས།
- གཤེར་ཆུ་གཏོར་བྱེད་ཤེལ་དམ།
- མེ་སྤོར་བྱེད་ཀྱི་ཅ་ལག
- འབར་རྫས་དྲི་ངན།
- དར་ཆ་དང་ཕྲེད་དར་སོགས།
- མཚོན་ཆ་འདྲ་མིན་དང་རྣོ་ངར་གྱི་ཡོ་ཆས།
- ཆེད་ལས་པའི་པར་ཆས། (ལྟ་རྟོག་པའི་ཐག་ཆོད།)
- ཆུའམ་གཤེར་ཁུ་མི་རེས་ PET སྣོད་ཆེ་ཆུང་ 50cl ཅན་རེ་འཁྱེར་ཆོག་ཀྱང་རྒྱུ་ཆ་ཤེལ་ལམ་ལྕགས་ལས་གྲུབ་པ་མིན་པ་དགོས།