༈ ༧གོང་ས་མཆོག་རི་ཀོན་ཆོས་འཁོར་དགོན་དུ་ཆིབས་བསྒྱུར་མཛད་རིམ་ཁག

རི་ཀོན་ཆོས་འཁོར་དགོན།

རེས་གཟའ་པ་སངས། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༩ ཚེས ༢༡།

༡༠ : ༠༠ ཞོགས་པ། ༧གོང་ས་མཆོག་རི་དགོན་དུ་ཞབས་སོར་འཁོད་རྒྱུ། 

ཞོགས་པ་ཚོུད། ༡༠ ནས་ཉིན་དགུང་ ༡༢ བར། དགོན་པར་༧གོང་ས་མཆོག་དབུ་བཞུགས་ཀྱིས་ཆོས་ཕྱོགས་མཛད་རིམ།
སྐུ་མགྲོན་རྣམ་པ་དགོན་པའི་ནང་དང་། ཚོགས་ཞུགས་གཞན་རྣམས་དགོན་པའི་རྭ་བསྐོར་ནང་བཞུགས་རོགས།

༡༢ ནས་༡༣ བར་མཛད་རིམ་བར་གསེང་། 

༡༣ : ཐོག་༧གོང་ས་མཆོག་རི་དགོན་ནས་ཕྱིར་ཕེབས་མཛད་རྒྱུ། 

ཆོས་ཕྱོགས་ཀྱི་མཛད་རིམ་དངོས།

དགོན་པར་རི་ཀོན་ཆོས་འཁོར་དགོན་ལོ་ལྔ་བཅུ་འཁོར་བའི་མཛད་རིམ་གཤམ་གསལ།

  • ༧གོང་ས་མཆོག་གི་ཞལ་སྔ་ནས་མཆོད་མེ་ཁང་གསར་པ་དབུ་འབྱེད་དང་བྱིན་རླབས།
  • ༧གོང་ས་མཆོག་ལ་མཎཌལ་རྟེན་གསུམ་འདེགས་འབུལ་དང་། བརྟན་བཞུགས་གསོལ་འདེབས།
  • ཕེབས་བསུའི་གསུང་བཤད་ཁག
  • ༧གོང་ས་མཆོག་གི་བླང་དོར་ལམ་སྟོན་བཀའ་སློབ།

མཛད་སྒོ་དང་འབྲེལ་བའི་གསལ་བཤད།

དགོན་པའི་རྭ་བསྐོར་ནང་(བོད་སྐད་ཐོག་)བརྙན་འཕྲིན་གསན་གཟིགས་ཀྱི་ཆ་རྐྱེན་ཡོད།

རི་ཀོན་ཆོས་འཁོར་དགོན་དུ་ཕེབས་ཕྱོགས།

ལྷན་རྒྱས་ཚང་མར། དགོན་པའི་མཛད་སྒོར་སྔོན་ཚུན་སྔ་ཐོག་ནས་ཕེབས་གནང་ཡོང་བའི་རེ་བསྐུལ་ནན་པོར་ཞུ།
མེ་འཁོར།༽ ཝིན་ཏར་ཐུར་ནས་མེ་འཁོར་ཨང་ཡིག་ཨེསེ་ ༢༦ S26 ནང་རི་ཀོན་མེ་འཁོར་བབས་ཚུགས་བར་ཕེབས། དེ་ནས་ཁཱུན་བཟོ་གྲྭ་ཉེ་འདབས་ཀྱི་རི་ལམ་བརྒྱུད་ཞབས་ཐང་གིས་སྐར་མ་ ༢༠ ནས་ ༢༥ ཡུན་ལ་རི་ཀོན་དགོན་པར་འབྱོར་ཐུབ།
སྒེར་འཁོར།༽ ཝིལཌ་སྦེརྒ་འཁོར་ལམ་བཀག་ཡོད་པས་རི་ཀོན་ནས་ཡར་དགོན་པར་སྒེར་འཁོར་ནང་ཕེབས་ཐབས་མེད། ཁཱུན་བཟོ་གྲྭའི་ཉེ་འཁོར་དུ་སྒེར་འཁོར་བཀག་འཇོག་ས་མིག་ཉུང་ཤས་ལས་མེད།

སྤྱི་སྤྱོད་རླངས་འཁོར།

ནད་ཅོང་དང་། བགྲེས་སོང་། སྐུ་མགྲོན་རྣམ་པའི་ཆེད། ཁཱུན་བཟོ་གྲྭའི་ཉེ་འཁོར་ནས་རི་ཀོན་དགོན་པ་བར། སྤྱི་སྤྱོད་རླངས་འཁོར་གོ་སྒྲིག་ཞུས་ཡོད་པ་ཞོགས་པ་ཆུ་ཚོད། ༧ ནས་ ༩ བར་དང་། ཉིན་རྒྱབ་ཚོུད། ༡༣:༣༠ ནས་གང་འཚམས་བར་བསྐོར་གཏོང་ཞུ་རྒྱུ་ཡིན།