
༈ རི་ཀོན་ཆོས་འཁོར་དགོན།
ཛུ་རིག་མངའ་སྡེའི་ས་ཁུལ་ཐོསེ་ཐལ་ལྗོངས་ནང་རི་ཀོན་ཆོས་འཁོར་དགོན་འདི་ཆགས་ཡོད། དེ་ནི་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་དགོངས་བཞེད་ལྟར། ཕྱི་ལོ་ ༡༩༦༠ ནང་གསར་བཞེངས་བྱས་ཤིང་མགོན་པོ་གང་ཉིད་ནས་དགོན་པའི་དབུ་བླའི་མཚན་བཞེས་གནང་། དེང་སྐབས་དགོན་པ་ནི་སུད་སིར་གནས་སྡོད་བོད་མི་རྣམས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཕྱི་མི་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཅན་རྣམས་ཀྱིས་འབྲེལ་གཏུགས་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཡོད། དགོན་པས་ཤར་ནུབ་དབར་རིག་གཞུང་དང་ཤེས་ཡོན་བརྗེ་ལེན་བྱེད་སའི་བརྒྱུད་ཟམ་ཞིག་བསྐྲུན་ཡོད།
དམིགས་ཡུལ།
རི་ཀོན་ཆོས་འཁོར་དགོན་གྱི་དགེ་རྩས་གཤམ་འཁོད་རྣམས་བསྒྲུབ་བྱར་དམིགས་ཡོད།
- སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ལ་ཆོས་ཕྱོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ།
- བོད་ཀྱི་མི་རབས་གསར་པས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་སྲུང་སྐྱོབ་ལ་རམ་འདེགས།
- བོད་རིགས་མ་ཡིན་པའི་ཕྱི་མི་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སྐོར་རྒྱུས་སྟོན་བྱ་རྒྱུ།
- བོད་རིག་པའི་ཐོག་ཚན་རིག་དང་མཐུན་པའི་ཉམས་ཞིབ་ལ་རྒྱབ་སྐྱོར་བྱ་རྒྱུ།
- ནང་པའི་ལྟ་གྲུབ་དང་ནུབ་ཕྱོགས་པའི་ཚན་རིག་དབར་བགྲོ་གླེང་གོང་སྤེལ་གཏོང་རྒྱུ།